༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༥ ཚེས་ ༣༠ རེས་གཟའ་པ་སངས་ཉིན། སེར་བྱེས་གྲྭ་ཚང་གི་སྐབས་ཉེར་བཞི་པའི་ཕྱག་མཛོད་གསར་པའི་ངོས་ནས་མེ་སོར་མཐོ་སློབ་ཀྱི་ཉེ་བའི་རིགས་བདག་ Prof Lokanath N.K, VC of University of Mysore མཆོག་ལ་མཚམས་འདྲི་ཞུ་ཆེད་བཅར་བ་མ་ཟད། མཐོ་སློབ་ཀྱི་ལྟ་གྲུབ་སྡེ་ཚན་གྱི་ཚོགས་གཙོ་ Prof Daniel, Chairman of Philosophy Dept མཆོག་དང་ཡང་མཇལ་འཕྲད་ཞུས་འདུག །སྐབས་དེར་མེ་སོར་མཐོ་སློབ་དང་སེར་བྱེས་གྲྭ་ཚང་དབར་གྱི་འབྲེལ་ལམ་མུ་མཐུད་མཇུག་སྐྱོང་དང་། འབྱུང་འགྱུར་ལས་འཆར་ཁག་དང་། ད་ལོའི་བསླབ་པ་མཐར་སོན་སྐབས་དང་པོའི་མཛད་སྒོ་སྐབས་ཕེབས་རྒྱུ་སོགས་ཀྱི་སྐོར་ལ་གྲོས་བསྡུར་ལྷུག་པོ་གནང་འདུག །མེ་སོར་མཐོ་སློབ་ནི་རྒྱ་གར་ནང་མཐོ་སློབ་རྙིང་ཤོས་གྲས་གཅིག་ཡིན་པ་དང་། ༡༩༡༦ ལོར་ཕྱག་བཏབ་པ་ཞིག་རེད་འདུག །
Sera Jey Monastic Institute’s new administration committee with other officials paid a courtesy visit to the Hon’ble Vice Chancellor, Prof. Lokanath N.K. of University of Mysore, and Prof. Daniel, Chairman of Dept. of Philosophy, on 30 May 2025.
