༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༠༤ ཚེས་ ༢༢ ནས་ཟླ་ ༥ ཚེས་ ༡༣ བར་ཉིན་གྲངས་ ༢༡ རིང་སེར་བྱེས་མཁས་སྙན་གྲྭ་ཚང་དང་ཨ་རུ་ཎཱ་ཅལ་ནང་པའི་བདེ་དོན་ལྷན་ཚོགས་གཉིས་ཀྱིས་མོན་གྱི་སློབ་མ་རྣམས་ལ་བོད་ཀྱི་སྐད་ཡིག་དང་ནང་ཆོས་བོད་ཀྱི་གཞས་སྣ་བཅས་ཀྱི་ཐོག་ཐེངས་གཉིས་པའི་དབྱར་དུས་ཟབ་སྦྱོང་གོ་སྒྲིག་ཞུས་པ་དེ་ལེགས་པར་གྲུབ་ནས་ཡོངས་སུ་མཇུག་བསྒྲིལ་བའི་མཛད་སྒོ་བསྐྱངས་པ་དང་། སྐབས་དེར་༧སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་དང་། ཁྲིམས་བདག་དགེ་བསྐོས་ལགས། ཕྱག་མཛོད་ཆེན་མོ་ལགས། དེ་བཞིན་དུ་དེང་དུས་ཤེས་ཡོན་སྡེ་ཚན་འགན་འཛིན་བཅས་ཀྱིས་མཇུག་བསྡོམས་གསུང་བཤད་གནང་བ་དང་། སློབ་མ་རྣམས་ཀྱིས་སྐད་རིགས་བཞིའི་ཐོག་རང་རང་གི་མྱོང་ཚོར་གསུངས་ཤིང་། སྐབས་དེར་རྒན་ལགས་གཙོས་ཕྱག་ལས་གནང་མཁན་ལས་བྱེད་ཡོངས་ལ་གྲྭ་ཚང་ནས་ཐུགས་རྗེ་ལེགས་འབུལ་ཕུལ་བ་དང་། མཐའ་མར་སྡེ་ཚན་གསུམ་གྱི་སློབ་མ་རྣམས་ཀྱིས་བོད་ཀྱི་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས་སོང་།
The 2nd Summer Camp for Monpa Students held at Sera Jey Tashi Choeling Centre, jointly organized by Sera Jey Monastic Institute and Arunachal Pradesh Buddhist Welfare Association, concluded with a special closing ceremony on 13 May 2025.
