༄༅། །རྒྱ་གར་ལྷོ་ཕྱོགས་ཏུམ་ཀུར་མཐོ་སློབ་སེམས་ཁམས་སྡེ་ཚན་ནས་སེར་བྱེས་གྲྭ་ཚང་ལ་”ནང་པའི་གཞུང་ནས་བྱམས་སྙིང་རྗེ་སོགས་བཟང་པོའི་སེམས་གོང་མཐོར་འདེགས་པའི་ཐབས་ལམ་ཇི་ལྟར་གསུངས་པའི་སྐོར་”ལ་གཏམ་བཤད་གདན་ཞུའི་འཕྲིན་ཡིག་འབྱོར་བ་ལྟར། ཕྱི་ལོ་༢༠༢༥ ཟླ་བ་༠༧ ཚེས་༢ རེས་གཟའ་ལྷག་པ་ཉིན། སེར་བྱེས་དབྱིན་སྐད་ལོ་ཙྭ་བའི་འཛིན་གྲྭའི་དགེ་རྒན་ཐུབ་བསྟན་སྐལ་ལྡན་ལགས་ཀྱིས་མཐོ་སློབ་དེའི་གཙུག་ལག་རབ་འབྱམས་སེམས་ཁམས་ལོ་རིམ་དང་པོ་དང་གཉིས་པའི་སློབ་མ་རྣམས་ལ། བློ་རིག་སྤྱི་དང་བྱེ་བྲག་ཏུ་སེམས་སེམས་བྱུང་གི་རྣམ་གཞག་དང་། ཉོན་མོངས་དང་དེའི་དབང་གིས་བྱུང་བའི་སྡུག་བསྔལ་ངོས་འཛིན་དང་གཉེན་པོ་ཇི་ལྟར་བསྟེན་ཚུལ་དང་། དབུགས་འབྱུང་རྔུབ་ཀྱིས་མཚོན་པའི་དྲན་པ་ཉེར་གཞག་སྒོམ་ཚུལ་སྦྱོང་བརྡར་གྱི་ལམ་ནས་གཏམ་བཤད་གནང་བ་མ་ཟད། མཇུག་ཏུ་སློབ་མ་རྣམས་ཀྱི་དྲི་བ་ཁག་ལ་ལན་འདེབས་ཡང་གནང་བའི་པར་རིས། […]
Read moreCategory: News
སེར་བྱེས་དབྱར་དུས་སློབ་གྲྭ་ཐེངས་བཞི་པ། ༢༠༢༥ | Sera Jey International School Summer Camp 2025
ཕྱི་ལོ་༢༠༢༥ ཟླ་བ་༧ ཚེས་༨ ཉིན་སེར་བྱེས་མཁས་སྙན་གྲྭ་ཚང་གི་གོ་སྒྲིག་འོག་བཀྲ་ཤིས་ཆོས་གླིང་ཤེས་ཡོན་བསྟི་གནས་ཁང་དུ། ཕྱི་རྒྱལ་ཡུལ་གྲུ་ཁག་༡༡ ནས་ཕེབས་པའི་བོད་པའི་གཞོན་སྐྱེས་ཚོར་བོད་ཀྱི་སྐད་ཡིག་དང་རིག་གཞུང་ནང་ཆོས་སློབ་ཁྲིད་ཀྱི་དབྱར་དུས་ཟབ་སྦྱོང་ཐེངས་༤ པ་དབུ་འབྱེད་བསྐྱངས་པ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ་སེར་བྱེས་ཁྲིམས་བདག་དགེ་བསྐོས་མཆོག་དང་། དམིགས་བསལ་སྐུ་མགྲོན་ཕྱོགས་བཞུགས་བཀུར་འོས་སྤྱི་འཐུས་མཆོག། ཕྱག་མཛོད་ཆེན་མོ་མཆོག དེང་དུས་ཤེས་ཡོན་འགན་འཛིན་བཅས་མཛད་སྒོར་མཉམ་ཞུགས་དང་གཏམ་བཤད་གནང་བ་དང་། […]
Read more༄༅། །སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆེད་སྦྱོང་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་མ་གསར་བསྡུའི་གསལ་བསྒྲགས།
གལ་ཆེའི་དུས་ཚོད་རེའུ་མིག ༡) གསལ་བསྒྲགས་ཕབ་ལེན། Download Notice ༢) འགེངས་ཤོག་ཕབ་ལེན། Download Form ༣) འགེངས་ཤོག་དཔེ་མཚོན། […]
Read moreWeek Long Educational Exchange Program between Sera Jey Translation dept. and CSWR.
གྲྭ་ཚང་རིན་པོ་ཆེའི་མཐུན་འགྱུར་འོག་སེར་བྱེས་དེང་དུས་ཤེས་ཡོན་སྡེ་ཚན་གྱི་ཁྱབ་ཁོངས་སེར་བྱེས་སྒྲ་སྒྱུར་སྡེ་ཚན་དང་། སྦེང་ལོར་ཡེ་ཤུའི་མཐོ་སློབ་གྲགས་ཅན་ (Christ University) གྱི་ཁྱབ་ཁོངས་འཛམ་གླིང་ཆོས་ལུགས་སློབ་གཉེར་ལྟེ་གནས་ཁང་ (Centre for Study of World Religions, […]
Read moreExamination of the NIOS Secondary Level
ཕྱི་ལོ་༢༠༢༥ ཟླ་བ་༣ ཚེས་༡༧ ནས་༢༩ བར་སེར་བྱེས་ནིའྶོ་ཤེས་ཡོན་བསྟི་གནས་ཁང་གི་སྦྱོང་བརྡར་རྒྱུགས་སྤྲོད་ཐེངས་དང་པོ་དབུ་འཛུགས་གནང་ཡོད་པ་དང་། ད་ལན་སྦྱོང་བརྡར་རྒྱུགས་སྤྲོད་ནང་ལ་མཉམ་བཞུགས་གནང་མཁན་རང་རེའི་གྲྭ་ཚང་གི་སློབ་གཉེར་བ་དང་། སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་སློབ་གཉེར་བ། གདན་ས་བཀྲ་ཤིས་ལྷུན་པོའི་སློབ་གཉེར་བ། ཐེག་མཆོག་བཤད་སྒྲུབ་རྣམ་གླིང་དགོན་པའི་དགེ་བཙུན་གཉིས་ཀྱི་སློབ་གཉེར་བ། ཉེ་འཁོར་རྒྱ་གར་གྱི་ཡུལ་མིའི་སློབ་ཕྲུག་བཅས་ནས་སློབ་ཚན་ཁག་མི་འདྲ་བ་དྲུག་གི་ཐོག་སྦྱོང་བརྡར་རྒྱུགས་སྤྲོད་གཏོང་བཞིན་པས། དུས་དང་རྣམ་པ་ཀུན་ཏུ་སློབ་སྦྱོང་ལ་བརྩོན་པ་བཞིན་པའི་སློབ་གཉེར་བ་ཁོང་རྣམས་ཀྱི་རྒྱུགས་ལེགས་པར་གྲུབ་ནས་གྲུབ་འབྲས་གཡུར་དུ་ཟ་བ་སྨོན། […]
Read moreOne Human Family : Dialogue on Inclusion, Development and Peace
ཕྱི་ལོ་༢༠༢༥ ཟླ་བ་༣ ཚེས་༧ ཉིན་རང་ཅག་རྣམས་ཀྱི་མགོན་སྐྱབས་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་ཆེན་པོ་མཆོག་གི་གོ་སྟོན་ཆེད་ལས་རིམ་མང་པོ་ཡོད་པའི་ནང་ནས་གཅིག་སྟེ། དེ་ཉིན་རྒྱ་གར་གྱི་མངའ་སྡེ་མུམ་བྷཱ་ཡི་གྲོང་ཁྱེར་ནང་དུ་རྟེན་གཞི་བྱས་པའི་མུམ་བྷཱ་ཡི་མཐོ་སློབ་ཏུ་ཚོགས་བཞིན་པའི་ ༼མིའི་རིགས་ཀྱི་ཁྱིམ་ཚང་གཅིག༽ ཅེས་པའི་རྒྱལ་སྤྱིའི་བགྲོ་གླེང་ཆེན་མོའི་ཐོག རང་རེའི་གྲྭ་ཚང་གི་དེང་དུས་ཤེས་ཡོན་སྡེ་ཚན་གྱི་ཁྱབ་ཁོངས་སྒྲ་བསྒྱུར་སྡེ་ཚན་གྱི་སློབ་གཉེར་བ་རྒན་པ་རྒན་བློ་བཟང་རྡོ་རྗེ་ལགས་ནས་༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་ཡི་ཡ་གྱལ། འགྲོ་བ་མིའི་བཟང་སྤྱོད་གོང་མཐོར་གཏོང་ཐབས་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་བའི་པར་རིགས་ཁག Venerable Lobsang […]
Read moreNew Sera Jey Buddhist Calendar App ( For the year 2025 )
སེར་བྱེས་མཁས་སྙན་གྲྭ་ཚང་ལོ་ཐོ་འདི་ནི། སྤྱིར་བོད་ཀྱི་ཐུན་མོང་མ་ཡིན་པའི་དུས་ཆེན་ཆེ་ཁག་དང་། གཙོ་བོ་ཆོས་ཐོག་དང་ཆོས་མཚམས་སོགས་ཀྱིས་མཚོན་པའི་གྲྭ་ཚང་གི་ལོ་རེའི་བྱེད་སྒོ་ཆེ་ཁག་གང་ཡིན་དང་། ཁྱབ་ཁོངས་དགེ་འདུན་པ་རྣམས་ཀྱིས་ཉིན་རེའི་ལག་ལེན་དུ་འཁྱེར་བདེ་བའི་ཆེད་དུ་བསྒྲིགས་པ་ཞིག་ཡིན། The app provides information on Tibetan Buddhist […]
Read moreThirty students from various sections of Hiranandani Upscale School in Chennai visited Sera Jey Monastery
རྒྱ་གར་གྱི་མངའ་སྡེ་ཆེ་ནཱེའི་ནང་རྟེན་གཞི་བྱས་པའི་སློབ་གྲྭ་ཧི་ར་ནན་ད་ནི་ (Hiranandani Upscale School) ཡི་ཚན་པ་འདྲ་མིན་ནང་དུ་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་སུམ་ཅུ་ཙམ་དང་། དེ་བཞིན་དགེ་རྒན་བཞི་བཅས་འདི་ག་གྲྭ་ཚང་དུ་ཤེས་ཡོན་སྐོར་སྐྱོད་ཕེབས་སྐབས། རྒན་ཐུབ་བསྟན་སྐལ་ལྡན་ལགས་ནས་གྲྭ་ཚང་གི་སློབ་གཉེར་གནང་ཕྱོགས་སོགས་ངོ་སྤྲོད་མདོར་བསྡུས་དང་། དེ་བཞིན་སེམས་ཁམས་རིག་པའི་སྐོར་ནས་སློབ་ཕྲུག་ཚོ་དང་ལྷན་དུ་དྲི་བ་དྲིས་ལན་གནང་བཞིན་པའི་རྣམ་པ་ཟུར་ཙམ་མོ། Around thirty students […]
Read moreExclusive Exhibition on His Holiness The 14th Dalai Lama’s Books at Mysore
ཕྱི་ལོ་༢༠༢༥ ཟླ་བ་༢ ཚེས་༡༩ སྐུ་ཡི་ལྷག་དཀར་ཉིན་རང་ཅག་རྣམས་ཀྱི་མགོན་སྐྱབས་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་ཆེན་པོ་མཆོག་གི་གོ་སྟོན་ཆེད་ལས་རིམ་མང་པོ་ཡོད་པའི་ནང་ནས་གཅིག་ཉིན་དེར་མེ་སོར་གྲོང་ཁྱེར་གྱི་དབུས་སུ་རྟེན་གཞི་བྱས་པའི་མི་ཚོགས་མང་པོ་འཛོམས་སའི་ཁྲོམ་ར་ཆེན་མོ་( Nexus Centre City ) ནང་དུ་རང་རེའི་གྲྭ་ཚང་གི་དེང་དུས་ཤེས་ཡོན་སྡེ་ཚན་གྱི་ཁྱབ་ཁོངས་སྒྲ་བསྒྱུར་སྡེ་ཚན་དང་། མེ་སོར་བོད་ཀྱི་སྡོད་ཁང་གཉིས་ཟུང་འབྲེལ་ཐོག་གོང་གི་ས་གནས་སུ་ཉིན་ལྔ་ཡི་རིང་དུ་གཙོ་བོར་རྒྱ་གར་ཡུལ་མི་དང་། བོད་དོན་ལ་དོ་སྣང་ཡོད་མཁན་ཚོར་༸སྤྱི་ནོར་༸གོང་ས་མཆོག་གི་དགོངས་གཞི་གཏིང་ཟབ་རྣམས་ཀྱི་གོ་རྟོགས་སྤེལ་སླད། […]
Read moreབོད་ཀྱི་ཚན་རིག་འདུ་འཛོམས་ཐེངས་བདུན་པ་།
ཕྱི་ལོ་༢༠༢༥ ཟླ་བ་༡ ཚེས་༢༩ ནས་ཟླ་བ་༢ ཚེས་༡ བར་བིངྒ་ལོར་གྲོང་ཁྱེར་དུ་ཡོད་པའི་ཏཱ་ལའི་བླ་མ་མཐོ་སློབ་ཏུ་བོད་ཀྱི་ཚན་རིག་འདུ་འཛོམས་ཐེངས་བདུན་པ་དེ་འཚོགས་ཡོད་པ་དང་། སྐབས་དེར་དགེ་བཤེས་ཐབས་མཁས་ལགས་དང་། རྒན་སྐལ་ལྡན་རྒྱ་མཚོ་ལགས་གཉིས་མཉམ་ཞུགས་གནང་ཡོད། དགེ་བཤེས་ཐབས་མཁས་ལགས་ཀྱིས་མི་བཟོས་རིག་ནུས་དང་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག ཆེད་ལས་མཁས་དབང་ཁཱེ་རི་སི་ལགས་དང་བཞུགས་མོལ་བགྲོ་གླེང་གནང་བ་མ་ཟད། རང་རེའི་ཚན་རིག་ཁང་གི་ཞིབ་འཇུག་བྱེད་བཞིན་པའི་དཔྱད་འཇོག་གཉིས་ཀྱི་སྒོམ་དང་དབང་རྩའི་འབྲེལ་ལམ་ཞེས་པའི་ཐོག་གསུང་བཤད་གནང་ཡོད། […]
Read more